青海湖歌词

作曲 : 仁多尔
作词 : 东升加
མཚོ་སྔོན་པོ་གནའ་འཕྱོ་ད་འཕྱོ་ཡིན།
ཚིག:དུང་ཟིན་རྒྱལ།
དབྱངས:རིག་རྡོར།
ལེན་མཁན:རིག་རྡོར།

མེས་པོ་དཔའ་མཛངས་ཅན་གྱི་རུས་རྐང་ལ་འཐིམ་པའི་འོད་ཀྱི་གོང་བུ་ཡིན།
ལོ་པཎ་རྣམ་དཔྱོད་ཅན་གྱི་ཞབས་རྗེས་ལ་འཁྱིལ་བའི་གླེགས་བམ་མཚོ་མོ་ཡིན། འཕྱོ་ཡ།
སྔོན་པོ་ཆལ་ཆིལ་རླབས་ཀྱི་གདོང་བ་འཕྱོ། གསེར་ནག་ལྷུང་ལྷུང་ཆུ་བོའི་རིག་པ་འཕྱོ།
མཚོ་རྒན་མ་གཏེར་གྱི་བདག་པོ། མཛོད་གྱི་བདག་པོ།
དགུང་སྔོན་པོ་ཁ་ཞེང་ཇི་ལྟར་ཆེ་རུང་། མཚོ་བྱུང་ལྷ་ཡིས་བྲིས་བའི་མེ་ལོང་འདི་ལས་ཡལ་མ་མྱོང་ལ།
ས་དོག་མོ་ཞེང་ཁམས་ཇི་ལྟར་ཡངས་རུང་། རྐྱང་རྒོད་རྟ་ཡིས་བཅད་པའི་དཔངས་རྒྱ་འདི་ལས་བརྒལ་མ་མྱོང་།
ཕ་ཨ་ཁུའི་དད་པའི་གཟི་ཆུང་བརྒྱུས་བའི་རིན་ཆེན་འཕྲེང་བ་ཡིན།
བུ་ང་འདྲ་ཚོའི་རེ་བའི་རྨི་ལམ་བཅོལ་བའི་ནམ་མཁའ་སྔོན་མོ་ཡིན།
འཕྱོ་ཡ།
ས་རྐང་གཞུང་གི་ཡུལ་ནས་འཕྱོ། བོད་ཁ་བའི་ལྗོངས་ནས་འཕྱོ།
བུ་རྒོད་པོའི་སྐྱ་རྩལ་ངོམས་སྟེ་ལྷ་དར་འཐེན་ཡོད།
སྨན་མཛངས་མས་སྦྲ་སྒོའི་བར་ནས་གསེར་སྐྱེམས་མཆོད་ཡོད།
ཡོད། མི་ཡུལ་ན་གྲགས་པ་འབར་བའི་གཡུ་ཡི་དགུ་ཚིགས།
བདག་སེམས་ན་སྟོབས་ཀྱིས་འཕྱོ་བའི་ལ་རྒྱའི་མཚོ་མོ། འཕྱོ་ཡ།
ན་ཟུག་གི་འཕྱོ། སྤོབས་པ་འཕྱོ།
གངས་ཏི་སེའི་ཡེ་ཤེས་ཀྱི་སྤྱན་གྱིས་ཁྱེད་ལ་རེ་བཞག་གི་རྒྱང་གཟིགས་གནང་ཡོད།
ཤར་རྨ་རྒྱལ་སྦོམ་རའི་དུང་སྒྲ་རིང་མོས་ཁྱེད་ལ་ཀི་བསོ་བའི་ལྷ་རྒྱལ་འཐེན་ཡོད།
སྒྲོལ་མ་དཀར་མོའི་སོར་རྩེ་ངལ་བའི་ལྷ་ཡི་རྫིངས་རིང་ཡིན།
བློན་པོ་འགར་གྱི་སེམས་པ་ངལ་བའི་གསེར་གྱི་ཞལ་ཆེམས་ཡིན།
འཕྱོ་ཡ།
རེ་བ་འཕྱོ། རྨི་ལམ་འཕྱོ། ཕོ་ཁྱུང་འབྲུག་གི་ཚང་མལ་དཀྲུགས་ཏེ་དར་ཚོན་སྣ་ལྔའི་འཇའ་གུར་གཏོར་ཤོག
གསེར་མིག་ཉ་མོའི་འཁྱུག་རྩལ་གཡར་ཏེ་འབྱོར་ལྡན་ཀླུ་ཡི་ཕོ་བྲང་བརྟོལ་ཤོག
བག་འཁུམ་ལེ་ལོའི་ངན་གོམས་བཀྲུས་ནས་མེས་པོའི་བློ་སྤོབས་ང་ཚོར་གནང་ཤོག
རེ་སྨོན་གྱི་མཚོ་མོ་ལགས། ཆལ་ཆིལ་གྱི་ཟེགས་རྡུལ་དགུང་ལ་གཏོར་དུས།
སྐྱོ་བ་ཟ་ཟི་ཞིག་གི་སྒོ་རླགས་ཕྱེས་མོད། ངས་ཀི་བསོ་ཡི་ལྷ་སྐད་ལས་ལེ་བདའ་ཡི་རྔམ་པ་འཐེན་མ་མྱོང་།~
གནའ་མི་ཞིག་གི་སྤོབས་པ་ཡིན།
བཙན་པོ་ཧྲག་དམག་སྟོང་གི་རྨིག་རྗེས་ཡིན།
ཁྲི་སྡེ་འབྲོག་གི་བྲང་ཁོག་གཤགས་པའི་རྨ་ཁ་ཡིན།
འཕྱོ་ཡ།
ངང་བ་སེར་པའི་འོ་མ་འཕྱོ། རུས་སྦལ་རྒན་པོའི་ཚེ་ལོ་འཕྱོ།
སྔོ་སྔོ་ར་ཡི་སྲུང་ཁ་གསོས་ཏེ་ཚེ་ཐར་འཐེན་ཡོད།
སྟོང་ལུག་ར་ཁ་དངུལ་གྱིས་ཤན་ཏེ་ལབ་ཙེ་བརྩིགས་ཡོད།
མཚོ་སྔོན་པོ། ང་ཡི་མཚོ།
ལྷ་ཡི་སྤྱན། ན་གཞོན་ཞིག་གི་སྒལ་ཚིགས་ཡིན།
ཁྱིམ་ཚང་ཞིག་གི་སྲུང་མདའ་ཡིན།
མི་རབས་ཤིག་གི་རྨི་ལམ་བསྲེགས་སའི་ཐབ་ཀ་ཡིན།
འཕྱོ་ཡ།
རླབས་རླུང་གིས་བསང་དུད་གཡས་སུ་བསྐོར་ནས་ཇོ་མོ་བླ་རིའི་འཕྱང་འཕྲུལ་ཉན་ཤོག འཕྱོ་ཡ།
ཀ་ཁ་ག་ངའི་ཟགས་མ་འཕྱོ། འཕྱོ་ཡ།
ཅ་ཆ་ཇ་ཉའི་རྦ་རླབས་འཕྱུར་ཤོག
གནའ་ཡང་འཕྱོ་ལ་ད་ཡང་འཕྱོ།
འཕྱོ་ཡ། མཚོ་སྔོན་པོ།~

 青海湖LRC歌词

[00:00.00] 作曲 : 仁多尔
[00:00.66] 作词 : 东升加
[00:02.00]མཚོ་སྔོན་པོ་གནའ་འཕྱོ་ད་འཕྱོ་ཡིན།
[00:05.00]ཚིག:དུང་ཟིན་རྒྱལ།
[00:08.00]དབྱངས:རིག་རྡོར།
[00:11.00]ལེན་མཁན:རིག་རྡོར།
[00:14.00]~
[00:22.00]མེས་པོ་དཔའ་མཛངས་ཅན་གྱི་རུས་རྐང་ལ་འཐིམ་པའི་འོད་ཀྱི་གོང་བུ་ཡིན།
[00:25.47]ལོ་པཎ་རྣམ་དཔྱོད་ཅན་གྱི་ཞབས་རྗེས་ལ་འཁྱིལ་བའི་གླེགས་བམ་མཚོ་མོ་ཡིན། འཕྱོ་ཡ།
[00:29.34]སྔོན་པོ་ཆལ་ཆིལ་རླབས་ཀྱི་གདོང་བ་འཕྱོ། གསེར་ནག་ལྷུང་ལྷུང་ཆུ་བོའི་རིག་པ་འཕྱོ།
[00:33.10]མཚོ་རྒན་མ་གཏེར་གྱི་བདག་པོ། མཛོད་གྱི་བདག་པོ།
[00:35.90]དགུང་སྔོན་པོ་ཁ་ཞེང་ཇི་ལྟར་ཆེ་རུང་། མཚོ་བྱུང་ལྷ་ཡིས་བྲིས་བའི་མེ་ལོང་འདི་ལས་ཡལ་མ་མྱོང་ལ།
[00:37.77]ས་དོག་མོ་ཞེང་ཁམས་ཇི་ལྟར་ཡངས་རུང་། རྐྱང་རྒོད་རྟ་ཡིས་བཅད་པའི་དཔངས་རྒྱ་འདི་ལས་བརྒལ་མ་མྱོང་།
[00:44.13]ཕ་ཨ་ཁུའི་དད་པའི་གཟི་ཆུང་བརྒྱུས་བའི་རིན་ཆེན་འཕྲེང་བ་ཡིན།
[00:55.35]བུ་ང་འདྲ་ཚོའི་རེ་བའི་རྨི་ལམ་བཅོལ་བའི་ནམ་མཁའ་སྔོན་མོ་ཡིན།
[01:06.00]འཕྱོ་ཡ།
[01:06.96]ས་རྐང་གཞུང་གི་ཡུལ་ནས་འཕྱོ། བོད་ཁ་བའི་ལྗོངས་ནས་འཕྱོ།
[01:10.40]བུ་རྒོད་པོའི་སྐྱ་རྩལ་ངོམས་སྟེ་ལྷ་དར་འཐེན་ཡོད།
[01:12.33]སྨན་མཛངས་མས་སྦྲ་སྒོའི་བར་ནས་གསེར་སྐྱེམས་མཆོད་ཡོད།
[01:14.29]ཡོད། མི་ཡུལ་ན་གྲགས་པ་འབར་བའི་གཡུ་ཡི་དགུ་ཚིགས།
[01:17.30]བདག་སེམས་ན་སྟོབས་ཀྱིས་འཕྱོ་བའི་ལ་རྒྱའི་མཚོ་མོ། འཕྱོ་ཡ།
[01:19.88]ན་ཟུག་གི་འཕྱོ། སྤོབས་པ་འཕྱོ།
[01:28.30]གངས་ཏི་སེའི་ཡེ་ཤེས་ཀྱི་སྤྱན་གྱིས་ཁྱེད་ལ་རེ་བཞག་གི་རྒྱང་གཟིགས་གནང་ཡོད།
[01:32.31]ཤར་རྨ་རྒྱལ་སྦོམ་རའི་དུང་སྒྲ་རིང་མོས་ཁྱེད་ལ་ཀི་བསོ་བའི་ལྷ་རྒྱལ་འཐེན་ཡོད།
[01:34.74]སྒྲོལ་མ་དཀར་མོའི་སོར་རྩེ་ངལ་བའི་ལྷ་ཡི་རྫིངས་རིང་ཡིན།
[01:37.80]བློན་པོ་འགར་གྱི་སེམས་པ་ངལ་བའི་གསེར་གྱི་ཞལ་ཆེམས་ཡིན།
[01:40.64]འཕྱོ་ཡ།
[01:41.47]རེ་བ་འཕྱོ། རྨི་ལམ་འཕྱོ། ཕོ་ཁྱུང་འབྲུག་གི་ཚང་མལ་དཀྲུགས་ཏེ་དར་ཚོན་སྣ་ལྔའི་འཇའ་གུར་གཏོར་ཤོག
[01:45.56]གསེར་མིག་ཉ་མོའི་འཁྱུག་རྩལ་གཡར་ཏེ་འབྱོར་ལྡན་ཀླུ་ཡི་ཕོ་བྲང་བརྟོལ་ཤོག
[01:48.76]བག་འཁུམ་ལེ་ལོའི་ངན་གོམས་བཀྲུས་ནས་མེས་པོའི་བློ་སྤོབས་ང་ཚོར་གནང་ཤོག
[01:52.59]རེ་སྨོན་གྱི་མཚོ་མོ་ལགས། ཆལ་ཆིལ་གྱི་ཟེགས་རྡུལ་དགུང་ལ་གཏོར་དུས།
[01:56.50]སྐྱོ་བ་ཟ་ཟི་ཞིག་གི་སྒོ་རླགས་ཕྱེས་མོད། ངས་ཀི་བསོ་ཡི་ལྷ་སྐད་ལས་ལེ་བདའ་ཡི་རྔམ་པ་འཐེན་མ་མྱོང་།~
[02:12.41]གནའ་མི་ཞིག་གི་སྤོབས་པ་ཡིན།
[02:14.00]བཙན་པོ་ཧྲག་དམག་སྟོང་གི་རྨིག་རྗེས་ཡིན།
[02:15.67]ཁྲི་སྡེ་འབྲོག་གི་བྲང་ཁོག་གཤགས་པའི་རྨ་ཁ་ཡིན།
[02:17.84]འཕྱོ་ཡ།
[02:19.31]ངང་བ་སེར་པའི་འོ་མ་འཕྱོ། རུས་སྦལ་རྒན་པོའི་ཚེ་ལོ་འཕྱོ།
[02:22.39]སྔོ་སྔོ་ར་ཡི་སྲུང་ཁ་གསོས་ཏེ་ཚེ་ཐར་འཐེན་ཡོད།
[02:24.85]སྟོང་ལུག་ར་ཁ་དངུལ་གྱིས་ཤན་ཏེ་ལབ་ཙེ་བརྩིགས་ཡོད།
[02:27.20]མཚོ་སྔོན་པོ། ང་ཡི་མཚོ།
[02:29.11]ལྷ་ཡི་སྤྱན། ན་གཞོན་ཞིག་གི་སྒལ་ཚིགས་ཡིན།
[02:33.23]ཁྱིམ་ཚང་ཞིག་གི་སྲུང་མདའ་ཡིན།
[02:35.83]མི་རབས་ཤིག་གི་རྨི་ལམ་བསྲེགས་སའི་ཐབ་ཀ་ཡིན།
[02:39.32]འཕྱོ་ཡ།
[02:41.49]རླབས་རླུང་གིས་བསང་དུད་གཡས་སུ་བསྐོར་ནས་ཇོ་མོ་བླ་རིའི་འཕྱང་འཕྲུལ་ཉན་ཤོག འཕྱོ་ཡ།
[02:48.50]
[02:56.59]ཀ་ཁ་ག་ངའི་ཟགས་མ་འཕྱོ། འཕྱོ་ཡ།
[03:02.51]ཅ་ཆ་ཇ་ཉའི་རྦ་རླབས་འཕྱུར་ཤོག
[03:07.78]གནའ་ཡང་འཕྱོ་ལ་ད་ཡང་འཕྱོ།
[03:13.43]འཕྱོ་ཡ། མཚོ་སྔོན་པོ།~
[04:13.43]
  • 歌词名: 青海湖
  • 歌手名:仁多尔
  • 更新时间:2023-12-26
  • 作词人:
  • 评分:0.0分

 青海湖歌词, 青海湖LRC歌词

歌曲名: 青海湖  歌手:仁多尔  所属专辑:《青海湖》

作词:  作曲:  发行公司:未知  发行时间:2023-12-26

歌曲ID:3417308  分类:歌曲  语言:  大小:3.18 MB  时长:03:29秒  比特率:129K  评分:0.0分

介绍:《 青海湖》 是 仁多尔 演唱的歌曲,时长03分29秒,由作词,作曲,该歌曲收录在仁多尔2023年的专辑《青海湖》之中,如果您觉得好听的话,就把这首歌分享给您的朋友共同聆听,一起支持歌手仁多尔吧!

◆ 本页是歌曲 青海湖歌曲LRC歌词下载页面,如果您想下载 青海湖mp3,那么就点击   青海湖Mp3免费下载

◆ 如果你想在线试听这首歌曲就点击   青海湖在线试听

◆ 如果你想了解更多歌手仁多尔的信息就点击  仁多尔的所有歌曲  仁多尔的专辑  仁多尔的详细资料  仁多尔的图片大全

◆  青海湖的永久试听地址是//www.9ku.com/play/3417308.htm,请将九酷音乐网(www.9ku.com)告诉您的3个朋友,感谢您对九酷音乐网支持!

Copyright @2023 - 2024 www.9ku.com.All Rights Reserved.九酷音乐网 版权所有  备案号:黑ICP备2023008593号-1