[00:00.000] 作词 : 更关杰
[00:01.000] 作曲 : 杨秀措
[00:02.000] 编曲 : 加贝
[00:03.384]ཚ་བ་རོང་གི་བརྩེ་འདུན།
[00:10.049]རོལ་མོ་ལྟ་སྐུལ་པ། འཇམ་དབྱངས་བསྟན་འཛིན།
[00:15.970]ཚིག གུར་མགོན་སྐྱབས།
[00:23.907]དབྱངས།གཡང་ཕྱུག་མཚོ།
[00:26.903]ལེན་མཁན། བསྟན་པའི་རྒྱལ་མཚན།གཡང་ཕྱུག་མཚོ།
[00:30.998]རོལ་མོ། འཇམ་དབྱངས་བསྟན་འཛིན།
[00:41.137]བསྟན་པའི་རྒྱལ་མཚན།
[00:43.668]གནམ་ལ་ཀ་བ་ཚུགས་ས་ས་ལ་ཁྲོན་པ་ཟུག་ས།
[00:52.237]རྒྱལ་མོ་ཚ་བ་རོང་ཡིན།
[00:56.708]གཡང་ཕྱུག་མཚོ།
[01:04.508]རྒོད་པོ་བྲག་ལ་སྐྱེས་ན་རལ་བར་མེ་ཏོག་ལྡེམ་པ།
[01:12.829]ཚ་བ་རོང་གི་བུ་ཡིན།
[01:22.403]མཉམ་ལེན
[01:23.916]བཙན་ཚུགས་རྡོ་ལ་བརྐོས་ཡོད་གཉན་ཕུར་བྲག་ལ་ཐེབས་ཡོད།
[01:32.554]ཆུ་ཆེན་བུ་ཡི་ལས་ཡིན།
[01:59.810]གཡང་ཕྱུག་མཚོ།
[02:01.114]རྒྱལ་མོ་རྔུལ་ཆུ་འབབ་ས་གསེར་གྱི་བྱེ་མ་འཕྱུར་ས།
[02:09.419]རྒྱལ་མོ་ཚ་བ་རོང་ཡིན།
[02:19.272]བསྟན་པའི་རྒྱལ་མཚན།
[02:21.710]མཉེན་མོ་ནགས་ལ་སྐྱེས་ན་ལྡེམ་ཤིང་སྨྱུག་མའི་གཤིས་ཡིན།
[02:30.058]ཚ་བ་རོང་གི་བུ་མོ།
[02:40.461]མཉམ་ལེན།
[02:41.498]ལྗང་ལོ་ཐང་ལ་ལྷུང་ན་ཆུ་མོས་རྒྱང་ལ་འཁྱེར་བ།
[02:49.838]རོང་བྲག་བུ་མོའི་ལས་ཡིན།
[03:33.669]བསྟན་པའི་རྒྱལ་མཚན།
[03:35.945]བུ་མོ་སྤ་རས་ཅན་མའི་ལག་འཇམ་གསེར་གྱི་འཁྲི་ཤིང་།
[03:44.520]སྒེག་འཛུམ་འདབ་ལོ་འཐོར་བ།
[03:54.985]གཡང་ཕྱུག་མཚོ།
[03:56.758]བུ་ཆུང་དགྲ་ལྷ་ཅན་གྱིས་བསོད་ནམས་ཟོང་གིས་ཁུགས་ན།
[04:05.449]ཚ་བ་རོང་ནས་མཇལ་ཡོང་།
[04:15.457]མཉམ་ལེན།
[04:16.393]མཛེས་སྡུག་ལྷ་ཡི་བུ་ཆུང་མཚར་སྡུག་ཀླུ་ཡི་བུ་མོ།
[04:24.985]ཚ་བ་རོང་ནས་མཇལ་ཡོང་།