[00:00.000] 作词 : 扎西多杰
[00:01.000] 作曲 : 果洛扎西东智
[00:22.45]
[00:36.83]གཡུ་ཡི་སྤང་ལ་གསེར་གྱི་མེ་ཏོག་འཁྲུངས།།
[00:46.15]མེ་ཏོག་ཐང་ན་ཨ་ཅག་མེ་ཏོག་མཚོ།།
[00:51.50]འཛུམ་ཆུང་ཡག་མོའི་དགོད་སྒྲ་ལྷང་ལྷང་ལྷང་།།
[00:56.82]ཞལ་རས་ཡག་མོའི་ཟུར་མིག་ཀེམ་ཀེམ་ཀེམ། །
[01:02.40]གཡས་འཁོར་ཟླ་བ་གཞོན་ནུའི་ཞལ་དཀར་མཛེས། །
[01:07.90]གཡོན་འཁོར་རྨ་བྱ་གཞོན་ནུའི་སྟངས་སྟབས་ཡག།
[01:14.77]གཡས་འཁོར་ཡག གཡོན་འཁོར་མཛེས།
[01:17.89]སྐྱེ་ཡག་བུ་མོ་འཛུམ་ཡག་མ།
[01:25.66]
[01:46.20]ཤེལ་གྱི་རི་ནས་ཆུ་མིག་བདུད་རྩི་འབབ། །
[01:56.92]དབུ་ལྕང་ཡག་མོ་བསིལ་བའི་ཨ་ཇོ་ལགས། །
[02:02.52]ཨ་འགྲིག་ཡག་མོ་ཞབས་བྲོ་ལྡེམ་ལྡེམ་ལྡེམ། །
[02:07.45]ཡང་འགྲིག་སྙན་མོ་རྡོག་སྒྲ་སིལ་ལི་ལི། །
[02:13.45]གཡས་འཁོར་གོས་ཆེན་འབྲུག་མའི་གཟི་མདངས་ཡག།
[02:18.76]གཡོན་འཁོར་སྟག་ཤར་གཞོན་ནུའི་ལང་ཚོ་མཛེས།།
[02:25.58]གཡས་འཁོར་ཡག གཡོན་འཁོར་མཛེས།
[02:28.61]སྟག་ཤར་གཞོན་ནུའི་སྟངས་སྟབས་ཡག།
[02:40.20]